通知公告

文学院关于推选“读书之星”和“读书之班”活动

发布时间:2024年05月12日 16:29 编辑:文学院 点击量:

文学院关于推选“读书之星”和“读书之班”活动

一、活动背景

阅读是一种个人行为,也是一种社会现象和文化传统。在全球范围内积极倡导和推动阅读与写作的重视,激发公众对阅读的热爱,并鼓励知识的分享和传播是设立世界读书日最重要的宗旨。我院举办此次活动旨在提升本科生的阅读意识和阅读兴趣,营造良好的读书氛围。通过阅读,学生们可以了解不同文化、不同思想,从而拓宽视野,丰富内心世界。同时阅读也是传承和弘扬中华优秀文化的重要方式之一,有助于推动文化的交流与发展。


二、活动目的

举办此次活动的目的是为激发本科生阅读兴趣,培养阅读爱好,提升阅读与写作能力,从而进一步促进知识的交流,培养学生们终身学习的习惯。并通过比赛享受读书所带来的进步和乐趣,进而营造书香校园的文化氛围。


三、活动内容

将根据校图书馆借阅量的数据每两个月推选出数十名“读书之星”和四个“读书之班”颁发证书并给予奖励,以示鼓舞。并进一步加强我院学习氛围。此次活动分两个评选内容:

(一)评选“读书之星”活动:

根据本从图书馆调取的借阅量,以两个月为限,统计学生个人的借阅量,以此为依据评选“读书之星”:一等奖2名、二等奖4名、三等奖6名。

(二)评选“读书之班”活动:

根据本从图书馆调取的借阅量,以两个月为限,统计班级学生全部借阅量,以此为依据评选“读书之班”:共四个班级。


四、活动宣传

(一)制作海报。

(二)微信公众平台。


五、活动对象

西藏大学文学院全体学生


六、经费预算

待定。


西藏大学文学院学生工作科 

2024年5月



༄༅། །རིག་གཞུང་སློབ་གླིང་གི་ཕུལ་བྱུང་ཀློག་པ་པོ་དང་ཕུལ་བྱུང་དཔེ་ཀློག་འཛིན་གྲྭ་གདམ་རྒྱུའི་སྐོར་གྱི་བརྡ་སྦྱོར།

དང་པོ། བྱེད་སྒོའི་རྒྱབ་ལྗོངས།

དཔེ་ཆ་བཀླག་རྒྱུ་ནི། ཐོས་པ་དོན་དུ་གཉེར་མཁན་ཚོའི་རྒྱུན་ལྡན་གྱི་བྱ་སྤྱོད་ཙམ་དུ་མ་ཟད། སྤྱི་ཚོགས་ཤིག་ལ་མཚོན་ནའང་རིག་གནས་སྲོལ་རྒྱུན་གྱི་རྣམ་པ་བཟང་པོ་ཞིག་ཀྱང་རེད། ས་ལྒང་འཛིན་མའི་ཁྱོན་འདིར་ཀློག་པ་ཐོས་བསམ་ལ་སྐུལ་འདེད་དང་། དཔེ་ཀློག་ལྟ་སྦྱོང་ལ་གཙིགས་མཐོང་ཆེན་པོ་ཡོང་ཕྱིར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེད་དུ་འཛམ་གླིང་དཔེ་ཀློག་ཉིན་མོ་ཞེས་པའི་དུས་ཆེན་ཞིག་གཏན་འབེབ་གནང་སྟེ། མིའི་རིགས་ཀྱི་རྩ་ཆེའི་ཤེས་རིག་འཛིན་སྐྱོང་སྤེལ་གསུམ་ཡོང་ལ་སྐུལ་ལྕག་གནང་དང་གནང་མུས་ཡིན། རིག་གཞུང་སློབ་གླིང་གིས་སྐབས་སུ་བབ་པའི་བྱེད་སྒོ་འདི་ཉིད་སྤེལ་རྒྱུའི་དགོས་ཆེད་ཀྱང་སློབ་མ་རྣམ་པར་དཔེ་ཀློག་གི་གལ་ཆེའི་རང་བཞིན་ལ་ངེས་ཤེས་འདྲོང་ཕྱིར་དང་། དཔེ་ཀློག་གི་སྤྲོ་བ་སྐྱེད་སྲིང་བྱས་ཏེ། ཀློག་པ་ཐོས་བསམ་གྱི་མཁའ་དབུགས་གཙང་བའི་སློབ་རའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཕྱིར་ཀྱང་ཡིན། ང་ཚོས་ཚད་ལྡན་གྱི་གསུང་རབ་བསྟན་བཅོས་བཀླགས་པ་བརྒྱུད། མིའི་རིགས་ཀྱི་རིག་གནས་སྲོལ་རྒྱུན་དང་། བསམ་བློ་ལྟ་གྲུབ། གོ་ཐང་ལྟ་བ་སོགས་ལེགས་པར་ཐུགས་སུ་ཆུད་དེ་རང་ཉིད་ཀྱི་མི་གཤིས་སྒྲིག་གཞི་འཐུས་འཚང་ཅན་དང་། བསམ་གཞིག་གི་ནུས་པ་སྔར་བས་སྐྱེན་པར་འགྱུར་ལ་ཐེ་ཚོམ་མེད་དོ། །དེ་བས་ཀྱང་རང་རེ་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་བར་ཀློག་པ་ཐོས་བསམ་གྱི་ལས་ལ་གཞུག་རྒྱུ་ནི་ཐབས་དམ་པར་མཐོང་ངོ་། །


གཉིས་པ། བྱེད་སྒོའི་དམིགས་ཡུལ།

བྱེད་སྒོ་འདི་འདྲ་ཞིག་སྤེལ་རྒྱུའི་དམིགས་ཡུལ་ནི་གོང་ཞུས་ལྟར་སློབ་མའི་དཔེ་ཀློག་སྤྲོ་བ་སྐྱེད་སྲིང་བྱས་ཏེ། འཆད་རྩོད་རྩོམ་པའི་ལས་ལ་འཇུག་པ་ཡངས་སུ་གཏང་ཕྱིར་ཙམ་དུ་མ་ཟད། རིག་པ་ནངས་པར་འཆི་ཡང་བསླབ་དགོས་རྒྱུའི་འདུ་ཤེས་བསྲ་བརྟན་དུ་གཏང་ཕྱིར་རོ། །


གསུམ་པ། བྱེད་སྒོའི་ནང་དོན།

རང་སློབ་གྲྭའི་དཔེ་མཛོད་ཁང་ནས་དཔེ་ཆ་གཡར་ཀློག་བྱས་པའི་གྲངས་ཚད་ལ་གཞིགས་ཏེ། སློབ་དུས་སོ་སོར་ཟླ་བ་གཉིས་རེའི་མཚམས་སུ་དཔེ་ཆ་གཡར་ཀློག་བྱས་པའི་གྲངས་ཚད་མང་ཤོས་ལས། ཕུལ་བྱུང་ཀློག་པ་པོ་བཅའ་བཅུ་ཙམ་དང་། ཕུལ་བྱུང་དཔེ་ཀློག་འཛིན་གྲྭ་བཞི་ཙམ་བདམས་ཏེ་གཟིགས་བཟོས་སྐུལ་ལྕག་བྱ་རྒྱུ་ཡིན། སྐབས་སུ་བབ་པའི་བྱེད་སྒོ་ལ་རྣམ་པ་གཉིས་ཙམ་ངེས་ཏེ།

གཅིག །ཕུལ་བྱུང་ཀློག་པ་པོ་འདེམས་པའི་རྒྱུད་རིམ།

སློབ་གྲྭའི་དཔེ་མཛོད་ཁང་ནས་དཔེ་ཆ་གཡར་ཀློག་བྱས་པའི་གྲངས་ཚད་ལ་གཞིགས་ཏེ། སློབ་དུས་སོ་སོར་ཟླ་བ་གཉིས་རེའི་མཚམས་སུ་དཔེ་ཆ་གཡར་གྲངས་མང་ཤོས་སུ་གྱུར་པའི་ཁྲོད་ཕུལ་བྱུང་ཀློག་པ་པོ་ལ། ཨང་དང་པོ་གཉིས་དང་། གཉིས་པ་བཞི། གསུམ་པ་དྲུག་བཅས་གདམ་རྒྱུ་ཡིན།

གཉིས། ཕུལ་བྱུང་དཔེ་ཀློག་འཛིན་གྲྭ་འདེམས་པའི་རྒྱུད་རིམ།

གོང་བཞིན་སློབ་གྲྭའི་དཔེ་མཛོད་ཁང་ནས་དཔེ་ཆ་གཡར་ཀློག་བྱས་པའི་གྲངས་ཚད་ལ་གཞིགས་ཏེ། སློབ་དུས་སོ་སོར་ཟླ་བ་གཉིས་རེའི་མཚམས་སུ་དཔེ་ཆ་གཡར་གྲངས་མང་ཤོས་ཀྱི་ཁྲོད་ནས་ཕུལ་བྱུང་དཔེ་ཀློག་འཛིན་གྲྭ་བཞི་སྟེ། ཨང་དང་པོ་དང་གཉིས་པ། གསུམ་པ་དང་ཕུལ་བྱུང་བཅས་སོ་སོར་འཛིན་གྲྭ་རེ་གདམ་རྒྱུའོ། །


བཞི་པ། བྱེད་སྒོ་དྲིལ་སྒྲོག་བྱེད་སྟངས།

གཅིག །ཤོག་བུའི་བརྡ་སྦྱོར་གྱི་ལམ་ནས་བསྒྲག་རྒྱུ།

གཉིས། སྐད་འཕྲིན་གྱི་སྤྱི་སྟེགས་ནས་བསྒྲག་རྒྱུ་བཅས་སོ། །


ལྔ་པ། བྱེད་སྒོའི་དམིགས་གཏད།

བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་སློབ་མ་སྤྱི་ལ་གཏད་པའི་བྱེད་སྒོ་ཞིག་ཡིན།


དྲུག་པ། འགྲོ་གྲོན་ཚོད་རྩིས།

ད་སྔར་གཏན་འཁེལ་བྱུང་མེད།


བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་སློབ་མའི་དོ་དམ་ཚན་ཁག་ནས།

༢༠༢༤ལོའི་ཟླ༥པར་སྤེལ།